༄༅། །སྐབས་ ༡༦
པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་།
བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར།
སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ནས་ཕྱི་ལོ་
༢༠༡༩ ཟླ་ ༨ ཚེས་ ༢༣ ནས་ཟླ་ ༩ ཚེས་ ༥
བར་ལོ་གཉིས་དང་ཕྱེད་ཀ་ཕྱི་མའི་ས་བགོས་ཁྱབ་ཁོངས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་།
མའེ་སོར། སྦེལ་ཀོབ་ལུགས་བསམ། མེངྒ་ལོར་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་ཡོད།