༄༅། །གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ལྕགས་བྱི་ལོའི་གནམ་ལོ་གསར་བཞད་(༢༠༢༠།༢།༢༤)ཉིན་གྱི་ཞོགས་པ་དཔོན་གསས་བླ་མ་མཇལ་ཞུས་དང་།
ངོ་ཤེས་འབྲེལ་འདྲིས་ལྷན་སྤྲོ་སྐྱིད། བཙུན་དགོན་ཉེ་འགྲམ་དུ་སྤྲོ་སེང། བོད་ཚེས་གསུམ་(༢།༢༦)ཉིན་གྱི་བསང་གསོལ་དང་འཆམ་འཆམ།
བོད་ཚེས་ལྔ་(༢།༢༨)ཉིན་གྱི་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད། བོད་ཚེས་བདུན་(༢༠༢༠།༣།༡)ཉིན་གྱི་གཤེན་གྱི་གར་འཆམ་མཇལ་ཁ།
བོད་ཚེས་བཅོ་ལྔ་(༣།༩)དགོང་མོའི་སྟོན་པའི་འཁྲུངས་མཆོད། བོད་ཚེས་བཅུ་དྲུག་(༣།༡༠)ཉིན་གྱི་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་
༢༠ པའི་དགེ་བཤེས་མཛད་སྒོའི་བཀྲ་ཤིས་དམ་བཅའ་དང་སྐལ་བཟང་ཁྲི་བཞེངས་སོགས་སུ་ཆེད་བཅར་སྐབས་ཀྱི་འདྲ་པར་དང་བརྙན་ཐུང་ཕྱོགས་བསྒྲིགས།
དཀར་ཆག་སྟེགས་བུ།
- དགོས་མཁོའི་འདུས་གསོག (60)
- བོན་འབྲེལ་ཤེས་བྱ། (60)
- བྱུང་རབས་རྣམ་ཐར། (33)
- གསར་བྱུང་གནས་འཕྲིན། (26)
Sunday, August 23, 2020
སྨན་རིའི་ལོ་འགོའི་དུས་སྟོན་ཁག
Monday, August 10, 2020
Sunday, August 9, 2020
Monday, July 6, 2020
ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེའི་གསུང་འཕྲིན།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་བྱེད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག །
Thursday, April 23, 2020
བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་བཀླགས་རྗེས་ཀྱི་དྲིས་ལན།
༄༅། །དེ་རིང་ཕྱི་ལོ་ ༢༠༢༠
ཟླ་ ༤ ཚེས་ ༢༣
ཉིན་བོད་ཀྱི་སྒྲུང་རྩོམ་གྲགས་ཅན་(བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་)
ཆ་ཚང་བཀླགས་པ་ཡིན།
ངས་བཀླགས་པའི་དེབ་འདི་ནི་
༡༩༩༧ ལོའི་ཟླ་ ༨
པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པ་དེ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་བཤེར་འབེབས་བྱས་ཏེ་
PDF ནང་ཡོད་པ་ཞིག་རེད།
དེབ་འདི་ཀློག་སྐབས་ཡུལ་སྐད་དམ།
ཚིག་དོན་ཁ་གསལ་ཤེས་རྟོགས་མ་བྱུང་བ་ཁ་ཤས་བྱུང་སོང་བ་རྣམས་གཤམ་དུ་འགོད་རྒྱུ་ལགས་ན་དེ་ལུགས་མཁྱེན་རྟོགས་ཡོད་པའི་དྲ་གྲོགས་རྣམས་ཀྱིས་རྒྱུ་མཚན་དང་བཅས་བཀའ་ལན་ཡོད་པ་ཞུ།
Thursday, April 9, 2020
གཡུང་དྲུང་བོན་གྱི་བསང་གསོལ།
དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བཞིན་པའི་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་རིམས་བཟློག་པའི་ཕྱིར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཛ་དྲག་བཀའ་རྒྱ་ཕེབས་ཏེ་བོད་མི་ཡོངས་ཀྱིས་དུས་ཚིགས་ཁག་ལ་བསང་གསོལ་བྱ་དགོས་སྐོར་དང་། དམིགས་བསལ་དེ་རིང་སྔ་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་ཉིན་བརྒྱ་དུས་གཅིག་ལ་བསང་གསོལ་དགོས་གནས་གསུངས་པ་ལྟར། བོད་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་གཉིས་པའི་ཚེས་བཅོ་ལྔ། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༨ རེས་གཟའ་ལྷག་པ་ཉིན་གཡུང་དྲུང་བོན་ལུགས་ཀྱི་བསང་གསོལ་བཏོན་ཡོད།
༸སྐྱབས་རྗེ་ཁྲི་འཛིན་ ༣༣ པའི་ཞལ་གསུང་།
༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དམ་པ་མཆོག་གི་ཞལ་གསུང་སྲིད་རྒྱལ་དྲག་སྔགས་ཀྱི་སྙིང་པོ་བཞུགས།
༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་གལ་ཆེའི་བཀའ་སློབ།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དེང་སང་ཏོག་དབྱིབས་ན་ཚ་ཞེས་པ་འཛམ་གླིང་ཡོངས་ཁྱབ་ཏུ་ཛ་དྲག་གནས་མུས་དང་འབྲེལ་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་བཀའ་སློབ་བཀའ་དྲིན་སྐྱབས་འཇུག་གནང་བ།
Thursday, April 2, 2020
མི་ལོ་ ༡༡ གོང་གི་བསམ་འཆར་ཞིག
༄༅། །ལུགས་གཉིས་མཁྱེན་དཔྱོད་ཀྱི་བདག་ཉིད། ལོ་རྒྱུས་རང་བཞིན་ལྡན་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཞུགས་པ་ཡོངས་ཀྱི་མདུན་སར།
ཐོག་མར་ད་ལོ་གཞིས་ལུས་བོད་མི་རྣམས་ཀྱིས་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཞེས་པའི་དོན་སྙིང་ལྡན་པའི་འབོད་ཚིག་འདིས་སྣེ་དྲངས་སྟེ། དེ་རིང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་འཇིག་ཉེན་འགག་འཕྲང་གི་དུས་པོ་ཆེ་འདིར་དམིགས་བསལ་ཚོགས་ཆེན་ཐོག་ཐུགས་འགན་ཆེ་བཞེས་ཀྱིས་ཆེད་ཕེབས་གནང་མཁན་རྣམ་པར་འཚམས་འདྲི་དང༌། གཞིས་ལུས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་སྐབས་དོན་སྙན་གསན་ཞུ་རྒྱུར།
Thursday, March 5, 2020
སྐུ་ཚེ་བསྐལ་བརྒྱའི་མཆོད་སྤྲིན།
Friday, December 6, 2019
༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་མཆོག་གིས་ཆོས་ཚོགས་ཐེངས་ ༡༤ པའི་སྐབས་སྩལ་བའི་བཀའ་སློབ།
༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་
ཁྲི་འཛིན་སོ་བཞི་པ་མཆོག་ནས་བོད་ཀྱི་རིས་མེད་ཆོས་ཚོགས་
ཐེངས་བཅུ་བཞི་པའི་ཚོགས་ཐོག་ལ་བསྩལ་བའི་
༸སྐྱབས་རྗེ་མཆོག་གི་བཀའ་སློབ་བརྙན་འཕྲིན།
Subscribe to:
Posts (Atom)


