Tuesday, August 21, 2018

ཨ་ལགས་བོན་བརྒྱ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པར་མྱ་ངན་ཞུ།


༄༅། །སྙིགས་ལྔའི་དུས་འདིར་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། བོན་མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་པའི་གནས་ཀུན་ལ་ནང་བྱན་ཆུད་པའི་ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་སེམས་གདུང་དང་བཅས་མྱ་ངན་གུས་འདུད་ཞུ་བ་དང་ཆབས་གཅིག་རིན་པོ་ཆེ་མཆོག་གི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་དང་། རྗེས་འཇུག་བུ་སློབ་འཁོར་ཚོགས་འདུས་མང་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས། སྨན་རིའི་དགེ་མིང་པ་སྨོན་ལམ་མཐར་ཕྱིན་པས་ ༢༠༡༨།༨།༢༢ ཉིན་གུས་ཕུལ།







 






༸རྗེ་བོན་བརྒྱ་ཚང་ལ་བཀའ་དྲིན་རྗེས་དྲན་གྱི་མནྜལ་བརྟན་བཞུགས་ཕུལ་བ།

མནྜལ་བརྟན་བཞུགས་སྐབས་བྲིས་པའི་གསོལ་འདེབས།

གངས་ལྗོངས་ཤར་དུ་སྐུ་མཆོག་ཝ་ལེར་འཛུམ།།


ཟབ་སྩལ་གསུང་དབྱངས་ཉི་འོག་ཁྱོན་ཡོངས་སྤྲོས།།


ཕྱི་ནང་བོན་བཅུད་ཐུགས་དབྱིངས་རང་གྲོལ་མངའ།།


ཨེ་མ་ལྷུན་གྲུབ་རྒྱ་མཚོ་ཞབས་བརྟན་གསོལ།།


རྒྱལ་ཁམས་པ་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ལྷོ་མཐའ་ནས་ ༢༠༡༧ ཟླ་ ཚེས་ ཉིན་ཕུལ།


No comments:

Post a Comment