Wednesday, January 18, 2012

འཚམས་འཕྲིན།

གངས་ཏི་སེ་བོན་གཞུང་རིག་མཛོད་ཀྱི་དཔེ་ཚོགས་
པར་བསྐྲུན་ལེགས་གྲུབ་སྐབས་ཕུལ་བའི་
འཚམས་འཕྲིན་ཐུང་ངུ་ཞིག
མི་འགྱུར་སྲིད་པ་རྒན་པོའི་སྨྲང་བརྗོད་རྣམས།། 
དངོས་ཁམས་ཚན་རྩལ་རིག་པའི་འཕྲུལ་བརྟེན་ནས།།
དབང་ཕྱོགས་འཛིན་མའི་ཡུལ་ནས་དྲངས་པ་འདི།།
དཀར་ནག་བཀྲ་གསལ་གཏེར་སྒོ་ཕྱེས་དང་མཚུངས།།

འདི་ནི་གངས་ལྗོངས་ཞིང་གི་བདེན་དོན་གསལ་བའི་མེ་ལོང་ཞིག །
འདི་ནི་མདོ་སྔགས་སེམས་གསུམ་གནས་ལུགས་སྟོན་པའི་སྒྲོན་མེ་ཞིག །
འདི་ནི་མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ་བའི་ཉི་གཞོན་ཞིག །
འདི་ནི་གངས་ཅན་པ་ལ་མེད་དུ་མི་རུང་ཁྱད་ནོར་ཞིག །
༢༠༡༠།༧།༩

No comments: