༡༩༧༩།༣།༡༢ ཉིན་རྒྱ་ལོ་དང་ཏིང་མཇལ་འཕྲད།
༣།༡༩ ཉིན་རྒྱ་ལོ་རྡ་སར་འབྱོར།
༧༩།༣།༡༠ གསུང་འཕྲིན་ནང་“བོད་རྒྱ་ཆེའི་མི་མང་གི་འདོད་བློ་ཡོངས་སུ་ཁེངས་པའི་བདེ་སྐྱིད་རང་དབང་གི་དཔལ་ཡོན་མ་བཞད་བར”ཞེས་གསལ་ཡོད་འདུག
༧༩།༤།༡༦ སྒེར་གྱི་ལྟ་སྐོར་བ་
༡༦ ནས་ཕྱིར་སྡོད་རང་མི་ཁས་མ་བླངས།
༧༩།༦།༥ ཉིན་བློ་བསམ་ཧོང་ཀོང་དུ་འབྱོར།
༦།༡༠ ཉིན་སྐུ་གཅེན་གཉིས་ལྡི་ལིར་འབྱོར།
༧༩།༦།༡༢ ཉིན་སྔར་ཡོད་སྐུ་ཚབ་
༣ ཐོག་ཚོགས་གཞོན་དང་ནང་བཀའ་ལ་ཕྱག་རྟགས་སྩལ།
༧༩།༧།༢༤ ཉིན་སྐུ་ཚབ་རྣམས་རྡ་ས་ནས་ཐོན་པ་དང་།
༧༩།༨།༢ ཉིན་ལྡི་ལི་ནས་ཐོན། ༨།༥ ཉིན་པེ་ཅིང་དུ་འབྱོར།
༧༩།༡༢།༢༢ ཉིན་སྐུ་ཚབ་རྣམས་རྡ་སར་འབྱོར།
༢༥།༢༦ ལས་བསྡོམས་ཞུས།
༨༠།༡།༢ ཉིན་ནས་ཉིན་གསུམ་རིང་གངས་སྐྱིད་དུ་ལས་བསྡོམས་སྙན་སྒྲོན་ཞུས།
༨༠།༥།༡ ༨༠།༦།༡ སོ་སོ་ནས་གཟིགས་སྐོར་སྐུ་ཚབ་ཐེངས་
༢ པ་དང་ ༣ པ་ཕེབས།
༨༢།༤།༢༠ ཉིན་མྱང་ཞིབ་སྐུ་ཚབ་ཐེངས་དང་པོ་རྡ་ས་ནས་ཐོན།
༨༢།༦།༩ ཉིན་བཞུགས་སྒར་དུ་འབྱོར།
༨༤།༡༠།༡༥ ཉིན་མྱང་ཞིབ་སྐུ་ཚབ་ཐེངས་གཉིས་པ་རྡ་ས་ནས་ཐོན།
༨༤།༡༢།༡༡ ཉིན་བཞུགས་སྒར་དུ་འབྱོར།
༨༥།༥།༢༣ ཉིན་གཟིགས་སྐོར་སྐུ་ཚབ་ཐེངས་ ༤ པ་ཕེབས། ༨༥།༩།༡༥
ཉིན་རྡ་སར་ཕྱིར་འཁོར་བྱུང་།
༨༦།༡༠།༡༧ ཉིན་ཡན་མིང་ཕུ་དང་རྒྱ་དོན་མོལ། ༨༧།༡༢།༡༧ ཉིན་ལན་འདེབས་གནང།
མ་བོད་ཀྱི་རྩ་ཁྲིམས་དང་འབྲེལ་བའི་སྐོར།
གྲོས་ཚོགས་ལམ་ལུགས་ཀྱི་རྩ་ཁྲིམས། ལེའུ་ ༡༧ དོན་ཚན་ ༡༥༧
བར་བརྒལ་སྲིད་གཞུང་དུས་ཡུན་རིང་གི་སྒྲིག་གཞི། དོན་ཚན་
༣༢
སྲིད་འཛིན་ལམ་ལུགས་ཀྱི་རྩ་ཁྲིམས།
ལེའུ་ ༧ དོན་ཚན་ ༥༢
བོད་ཀྱི་གཞི་རྩའི་ཁྲིམས་ལུགས་ཀྱི་འཆར་ཟིན།
ལེའུ་ ༡༧ དོན་ཚན་ ༡༣༢ བཅས་ཀྱི་ཟིན་བྲིས་བཟོས་གནང་།
༩༦།༨ ནང་གཉེན་འཕྲད་དུ་ཕེབས་སྐབས་།
ཀྲུང་དབྱང་ནས་དོན་ཚན་ ༨ སྐོར་བཤད།
༩༧།༩ ནང་རྒྱ་གཞུང་དང་གསང་བའི་འབྲེལ་ལམ་ཐེངས་དང་པོ་ཧོང་ཀོང་དུ་གནང་། ཆུ་ལེན་འགྲོ་ནས་སྣོད་སྟོང་ཁུར།
༩༨།༣ ནང་རྒྱ་གཞུང་དང་གསང་བའི་འབྲེལ་ལམ་ཐེངས་གཉིས་པ་ཧྲན་ཀྲེང་དུ་གནང་། བོད་རྒྱ་ཞི་མོལ་གནང་ཕྱོགས་སྐོར།
༩༨།༡༠།༡༤ ཉིན་རྒྱ་ནག་ནས་༸གོང་ས་མཆོག་ཕེབས་ཕྱོགས་སྐོར་ལན་འབྱོར།
༡༦།༡༧ ཉིན་བརྩད་བཅད།
༢༤ ལན་མེད།
༩༩།༩ ནང་རྒྱ་གཞུང་དང་གསང་བའི་འབྲེལ་ལམ་ཐེངས་གསུམ་པ་བལ་ཡུལ་དུ་གནང་།
༢༠༠༡།༣ ནང་རྒྱ་གཞུང་དང་གསང་བའི་འབྲེལ་ལམ་ཐེངས་བཞི་པ་བལ་ཡུལ་དུ་གནང་།
༠༡།༦ ནང་རྒྱ་གཞུང་དང་གསང་བའི་འབྲེལ་ལམ་ཐེངས་ལྔ་པ་གནང་། ཧོང་ཀོང་ནས་མི་ཞིག་འབྱོར།
༠༤།༦ ནང་རྒྱ་གཞུང་དང་གསང་བའི་འབྲེལ་ལམ་ཐེངས་དྲུག་པ་ཧོང་ཀོང་དུ་གནང། མཐའ་མ་དེ་ཡིན།
༢༠༡༠།༢།༩ ཉིན་སྦེལ་ཀོབ་ཏུ་སྤྱི་འཐུས་ལ་མ་བསྟན་པའི་ཡིག་ཆ་སྐོར་གསུངས།
(བཀའ་ཤག་གིས་སྤྱི་འཐུས་ལ་མ་བསྟན་པའི་ཡིག་ཆ) ཟེར་ནས་གྲགས།
འཇུ་ཆེན་ལོ་རྒྱུས་པར་སྐྲུན་ཟིན་མཚམས་གསར་འགོད་པ་ཞིག་གི་བཅར་འདྲིར་ལན་འདེབས་ཆེད་བརྗེད་ཐོ་བཀོད་པ་དེ་ཉིད།
དེ་རིང་དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་གཤེགས་ནས་མི་ལོ་ཧྲིལ་པོ་
༥ འཁོར་བའི་དུས་ཚིགས་དང་བསྟུན། ཁོང་ཉིད་རྗེས་དྲན་གྱི་ཚུལ་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོའི་ལས་ཤག་ནས་བཀོད། ༢༠༡༦།༨།༣༡
1 comment:
བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་མ་བྱས་པའི་གོང་ལ་བཀའ་བློན་ཁྲི་པ་ཞེས་པའི་མཚན་འདི་ཡོད་དམ། ཡིག་ཆ་མང་པོ་ཞིག་གི་ནང་དུ་བཀའ་བློན་སྐུ་བགྲེས་ཞེས་བཀོད་པ་མཐོང་བྱུང་།
Post a Comment