Monday, September 3, 2018

སྒོ་གསུམ་མི་ཕྱེད་དད་བརྒྱས་རྗེས་དྲན་ཞུ།




༄༅། །ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཁན་ཆེན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་ནས་མི་ལོ་གཅིག་ཕྱིན་པའི་འདས་མཆོད་དང་བསྟུན། རིན་པོ་ཆེ་མཆོག་གི་གསང་གསུམ་མཛད་འཕྲིན་མཐའ་དག་ཡིད་ལ་ལྷང་ལྷང་དྲན་བཞིན་སྒོ་གསུམ་མི་ཕྱེད་དད་བརྒྱས་རྗེས་དྲན་ཞུ་བ་དང་ཆབས་གཅིག གུས་འབངས་གྱི་ན་བས་ཀྱང་རིན་པོ་ཆེ་མཆོག་གིས་རྗེས་སུ་བཞག་གནང་བའི་བསྟན་པ་རིན་པོ་ཆེར་ཞབས་ཞུ་ལྷད་མེད་དུ་ཞུ་རྒྱུའི་དམ་བཅའ་སླར་ཡང་འབུལ་རྒྱུ་བཅས། གུས་སྨན་རིའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས། གཤེན་གྱི་འབྱུང་ལྡན་ ༣༠༡ གི་ས་ཁྱི་ལོའི་བོད་ཟླ་ ༧ ཚེས་ ༢༤ 2018-9-4 ཉིན།།

Tuesday, August 21, 2018

ཨ་ལགས་བོན་བརྒྱ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པར་མྱ་ངན་ཞུ།


༄༅། །སྙིགས་ལྔའི་དུས་འདིར་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། བོན་མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་པའི་གནས་ཀུན་ལ་ནང་བྱན་ཆུད་པའི་ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་སེམས་གདུང་དང་བཅས་མྱ་ངན་གུས་འདུད་ཞུ་བ་དང་ཆབས་གཅིག་རིན་པོ་ཆེ་མཆོག་གི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་དང་། རྗེས་འཇུག་བུ་སློབ་འཁོར་ཚོགས་འདུས་མང་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས། སྨན་རིའི་དགེ་མིང་པ་སྨོན་ལམ་མཐར་ཕྱིན་པས་ ༢༠༡༨།༨།༢༢ ཉིན་གུས་ཕུལ།

Monday, August 13, 2018

༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་བོད་གངས་ཅན་ལྗོངས་སུ་ཞབས་སོར་བཀོད་གནང་བ།



གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་
ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་
བོད་གངས་ཅན་ལྗོངས་སུ་ཞབས་སོར་
ཐེངས་དང་པོར་བསྐྱངས་པའི་
གནས་ཚུལ།



གངས་དཀར་སྲིད་པའི་རྩེ་ནས་འཁྱིལ་བ་ཡི།།
གངས་རིའི་ཕ་ཆོས་གཡུང་དྲུང་བོན་བསྟན་གྱི།།
གངས་ཆུ་བསིལ་མའི་རྒྱ་མཚོ་འདེགས་པ་པོ།།
གངས་ཅན་མགོན་པོ་རྒྱལ་བ་སྨན་རི་མཆོད།།

Sunday, August 12, 2018

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་དབུས་གྲོས་ཚོགས་སུ་བོད་དོན་ཞུ་སྐུལ།

Ram Nath Dudi R.S
༄༅། །དེང་སྐབས་རྒྱ་གར་གྱི་ཆར་དུས་གྲོས་ཚོགས་ཚོགས་བཞིན་པ་དང་བསྟུན་ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས་ཕྱི་ཚེས་ ༢༣ ཉིན་ནས་བཟུང་ཕྱི་ཚེས་ ༢༥ བར་རིམ་བཞིན་

གཡུང་དྲུང་བོན་གྱི་ལྟ་མགུར་གྲགས་སྟོང་འགག་མེད་ཀྱི་སྒྲ་སྙན་ཞེས་བྱ་བ་བཞུགས་སོ།།


ཟུར་མང་དྲུང་སྤྲུལ་བཅུ་གཅིག་པ་ཆོས་ཀྱི་རྒྱ་མཚོའམ་ཆོས་རྒྱམ་དྲུང་པ་རིན་པོ་ཆེས་ལྗགས་རྩོམ་གནང་།
བོན་སྐུ་སྐྱེ་མེད་ཀྱི་གང་ཤར་དབང་པོ། །རྫོགས་སྐུ་གང་གསལ་གྱི་བྱང་ཆུབ་རྡོ་རྗེ། །སྤྲུལ་སྐུ་གང་འདུལ་གྱི་འགྱུར་མེད་ཚུལ་ཁྲིམས། །སྙིང་དབུང་ཟང་ཐལ་གྱི་ཀློང་ནས་བཞེངས་ལ། །བདག་ཅག་སྐལ་ལྡན་ལ་བྱིན་རླབས་སྩོལ་ཤོག །གདོད་ནས་བརྟན་གཡོ་ཡི་བཀོད་པ་འདི་དག །བོན་ཉིད་ཡོ་ལང་གི་རང་རྩལ་འབའ་ཞིག །དུས་གསུམ་གཤེན་རབ་ཀྱི་དགོངས་པའི་གཏད་སོ། །ངོ་བོ་ཟང་ཐལ་འདི་ཁོ་ན་ལགས་སོ། །བོན་ཆོས་ཐ་དད་ཀྱི་མིང་ཙམ་ཞིག་གིས། །ཀུན་གྱིས་ཕྱོགས་རིས་ཤིག་རྒྱང་ནས་བྱེད་ཀྱང་། །གནད་སྲང་རུས་སྦལ་གྱི་ནུར་འགྲོས་བྱས་ན། །དོན་གྱི་དབྱེ་བ་དེ་རིང་ནས་ཟད་སོང་། །བོན་སྐུ་འོད་གསལ་གྱི་རང་ངོ་འཁུམ་ན། །འཁོར་འདས་བདེ་སྡུག་གི་ཆེད་འཛིན་གྲོལ་བས། །ངང་བཞག་ཕྱོགས་ཡན་གྱི་རང་བབ་ཆེན་པོར། །ཨ་ཁྲིད་ཟང་ཐལ་གྱི་ཐིག་ལེ་ཉག་གཅིག །གྲུབ་མཐའ་ཀུན་མཐུན་དང་ཀུན་རྒྱལ་ཡིན་ནོ། །ང་ཚོ་ཞྭ་དཀར་གྱི་གཡུང་དྲུང་བརྒྱུད་པར། །མན་ངག་ཁ་ཁྱེར་ཞིག་གཏན་ནས་མེད་པས། །བོན་གྱི་གསུང་རབ་ནས་བཤད་པའི་ཉམས་ལེན། །ཇི་བཞིན་མཐར་ཕྱིན་གྱི་རྡོ་རུས་འཕྲོད་ན། །ཁོད་སྤུངས་ཆེན་པོ་ཡི་ཕ་རྗེས་བསྙེག་གོ། །

Tuesday, June 12, 2018

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་བསྒྲགས་གཏམ།



(བཞུགས་སྒར་དྷ་རམ་ས་ལ། ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢༣-༢༥)
 གཅིག སྔོན་གླེང་།
བོད་རྒྱལ་ཁབ་ནི་བཙན་པོའི་དུས་སྐབས་སུ་མངའ་ཐང་དར་བའི་རྩེ་མོར་སོན་ཡོད་ཅིང་། ཕྱིས་སུ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་། རིག་གནས་དང་ལོ་རྒྱུས། འཛིན་སྐྱོང་གང་ཐད་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་། ཕྱི་ལོ་༡༩༤༩ ནས་རྒྱ་གཞུང་གིས་བཙན་འཛུལ་བྱེད་འགོ་བཙུགས་ཤིང་། ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་འཇིགས་སྐུལ་བཙན་གནོན་འོག་“གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བར་ས་ཡིག་འགོད་དུ་བཅུག

ས་འཐུས་ལ་ཟབ་སྦྱོང་སྤྲད་པའི་ལས་བསྡོམས།


བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་ཀླུ་ཚང་རྒྱ་རིགས་ཐར་གཉིས་
སྦིར་བོད་ཚོགས་སུ་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་
ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་སྤྲད་དུ་ཕྱིན་པའི་ལས་བསྡོམས།
ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ༡༦ ནས་ ༢༢ བར།

Wednesday, April 25, 2018

༸དཔལ་གཤེན་བསྟན་སྨན་རིའི་གླིང་། (༢༠༠༧)

༄༅། །རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་སུ་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཕྱི་ལོ་ ༢༠༠༧ ལོའི་གནམ་ལོ་གསར་བཞད་ཀྱི་འདུ་ཚོགས་དང་། རྒྱལ་བ་མཉམ་མེད་ཆེན་མོའི་དུས་ཆེན་སྐོར། ཁྲོ་ཕུར་དགུ་གཏོར་ཆེན་མོའི་སྐོར་བཅས་ཀྱི་བརྙན་འཕྲིན་འདི་སྨན་རིའི་དགེ་བཤེས་ཟླ་བ་རྣམ་རྒྱལ་ལགས་ཀྱིས་ཉེ་ཆར་ ༢༠༡༨།༤།༢༡ ཉིན་གསོལ་རས་གནང་བྱུང་བས་དྲ་ཐོག་ཏུ་བཀོད་པ་ཞིག་ཡིན། བརྙན་འཕྲིན་འདིའི་ནང་དུམ་མཚམས་གཅིག་ཙམ་ལ་སྐྱོན་ཕྲན་བུ་འདུག་པས་གཟིགས་མཁན་རྣམ་པར་དགོངས་འགལ་མེད་པ་ཞུ། དགེ་བཤེས་སྨོན་ལམ་མཐར་ཕྱིན་པས། ཐ་ཚན་མུ་ཙུག་སྨར་རོ།། ༢༠༡༨།༤།༢༦
གཤམ་གསལ་ཁ་བྱང་བརྒྱུད་བརྙན་འཕྲིན་དགྱེས་གཟིགས་ཡོང་བ་ཞུ།
༸དཔལ་གཤེན་བསྟན་སྨན་རིའི་གླིང་། 

འདས་པའི་བདུན་ཕྲག་གཉིས་རིང་གི་ལས་དོན་དང་འདྲ་པར།

འདས་པའི་བདུན་ཕྲག་གཉིས་རིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཆེད་བཅར་གྱིས་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་ཆེད་བརྩམས་གནང་བའི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་དོན་ནང་ཉིན་ ༡༢ ཙམ་རིང་མཉམ་ཞུགས་ཞུས།

Monday, April 23, 2018

བོན་གཞིས་ཉིན་སློབ་ཀྱི་དགེ་ལས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གཉེར་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་ལྷན་ཚོགས་དང་། བོན་གཞིས་གཞིས་ལས་ཁང་། བོན་བུ་ཁྱིམ་ཁང་བཅས་ཀྱིས་འགན་བཞེས་ཏེ་བོན་གཞིས་ཐོབ་རྒྱལ་གསར་པའི་དགེ་ལས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཆེད་གཉེར་གནང་ཡོད་པ་རེད།

Friday, April 6, 2018

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསར་མཇལ་ཞུས་པ།


༄༅། །ཇི་ལྟར་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་སྙན་འབུལ་གྱིས་བཀའ་འཁྲོལ་སྔོན་སྩལ་ལྟར་ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཙམ་ཐོག་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསར་མཇལ་ཞུས་གནང་ཡོད་པ་རེད།

Thursday, January 11, 2018

བོན་གྱི་འདུ་གནས་སོ་བདུན།



རྩོམ་པ་པོ། ཨ་ དཔལ་བཟང་།

གཡུང་དྲུང་བོན་གྱི་སྒྲ་བསྒྲགས་ལས། དེ་ཡང་འདུ་གནས་སོ་བདུན་གྱི་ས་རྣམས་གང་ཡིན་བཞེད་ན། བླ་ཆེན་དྲ་ན་པས་ཞལ་བཞེད་ལྟར་དབུས་ན་ཉི་ཤུ་ཐམ་པ། གཙང་ན་བཅུ་བདུན་ཏེ་སུམ་ཅུ་རྩ་བདུན་ལ།

སྨན་རིའི་དཀར་ཆག་བསྡུས་པ་པད་མ་བཞད་པའི་ཚལ་ཆེན།



སྐུ་མདུན་བསོད་ནམས་བློ་གྲོས་སམ། མཁན་ཆེན་ཤེས་རབ་དགོངས་རྒྱལ།

༄༅།། །།ཨཱོྃ་སྭཏི། ཨེ་མ་ཧོ། མ་གཡོས་བདེ་ཆེན་རྒྱལ་པོ་ཀུན་ཏུ་བཟང། མ་སྐྱེས་རང་འབྱུང་ལོངས་སྤྱོད་རྫོགས་པའི་སྐུ། མ་འགག་རྩལ་ཆེན་སྤྲུལ་སྐུ་འཕྲིན་ལས་ཅན། མ་བཅོས་ལྷུན་གྲུབ་སྐུ་གསུམ་སངས་རྒྱས་བསྟོད། ངོ་མཚར་གྲངས་མེད་རྒྱན་པའི་སྨན་རི་ཡི། དཀར་ཆགས་པད་ཚལ་བཞད་པའི་ལྟད་མོ་འདི། གུས་ལྡན་བསོད་ཅན་རྣམས་ཀྱི་གཟིགས་པའི་ཚེ། མདངས་ལྡན་དབྱར་རྔ་ཐོས་པས་དགའ་སྤྲོ་ཆེ། ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་པོ་ཡི། མཆོག་ཐུན་གྲུབ་གནས་དཔལ་ལྡན་སྨན་རི་འདི། འཛམ་གླིང་ཉེར་ལྔ་ཡུལ་གྱི་གཙོ་བོ་དང། གངས་ཆེན་བོད་ཀྱི་ལྟེ་བ་ཡིན་པའི་ཕྱིར། མདུན་དུ་ཡུལ་ཆེན་བྱ་བའི་གྲོང་ཞིག་ཡོད། གཡོན་ན་ཏི་སེ་ཕ་བོང་བྱ་བ་ཡོད། རིག་འཛིན་མཁའ་འགྲོའི་ལུང་ལ་ཡང། ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་པོ་ཞེས་དང། མཆོག་ཐུན་གྲུབ་གནས་དཔལ་ལྡན་སྨན་རི་ཞེས་པའི་གཞུང་འདི་ནས་བྱུང།

Tuesday, January 2, 2018

༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གི་མཛད་རྣམ་སྙིང་བསྡུས།

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་ནི། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་བོད་ཆུ་ཕོ་བྱི་བའི་ལོ་སྟེ། ཕྱི་ལོ་ ༡༩༧༢ ཟླ་བ་ ༡༡ ཚེས་ ༢༩ ཉིན་བོད་མདོ་སྨད་ཟིང་ཆུ་རྫོང་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་ལྷ་སྡེ་མ་ཡོན་སྡེ་བའི་ཕྱུག་ཕྲུག་ཚང་ཞེས་པ་རུ་ཡབ་དཔལ་ཡོན་འབུམ་གསལ་དང་ཡུམ་ཀླུ་གཡང་ཕྱུག་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་སྐུ་ན་གཞོན་དུས་ཀྱི་མཚན་ལ་ནོར་བུ་བསམ་འཕེལ་ཞེས་ཞུ།
དགུང་གྲངས་ལྔ་བཞེས་ཐོག་ས་གནས་ཉིན་སློབ་ཏུ་ཕེབས་ནས་ཡི་གེ་ཀ་ཁ་འབྲི་ཀློག་སོགས་ཐོག་མར་བསླབ་གནང་། དགུང་གྲངས་བརྒྱད་ནས་གདན་ས་གཡུང་དྲུང་གླིང་གི་དགེ་བཤེས་སྒྲ་ཏོག་དཔལ་ཆེན་སྐྱབས་མཆོག་གི་མདུན་ནས་སྐྱབས་འགྲོ་འདོན་ཆོག་སོགས་ལ་སྦྱངས་མགོ་བཙུགས།

༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་བོན་འབངས་ཡོངས་ལ་བསྩལ་བའི་བཀའ་སློབ།


གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་ ༣༤ པ་རྟགས་སྒྲིལ་གྱི་དངོས་གཞི་ཉིན་མཐའ་མའི་སྐབས་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་བོན་འབངས་ཡོངས་ལ་བསྩལ་བའི་བཀའ་སློབ།