རྩོམ་པ་པོ། ཨ་ དཔལ་བཟང་།
གཡུང་དྲུང་བོན་གྱི་སྒྲ་བསྒྲགས་ལས། དེ་ཡང་འདུ་གནས་སོ་བདུན་གྱི་ས་རྣམས་གང་ཡིན་བཞེད་ན།
བླ་ཆེན་དྲ་ན་པས་ཞལ་བཞེད་ལྟར་དབུས་ན་ཉི་ཤུ་ཐམ་པ། གཙང་ན་བཅུ་བདུན་ཏེ་སུམ་ཅུ་རྩ་བདུན་ལ།
དབུས་ཀྱི་དབུ་རུ་ན་བཅུ་གསུམ་ཡོད་དེ། ངམ་ལམ་རམ་གསུམ་བོན་གྱི་འདུ་འཚོགས་གནས། འདམ་ཤོར་སྣར་མོ་བོན་གྱི་འདུ་འཚོགས་གནས། འཕེན་ཡུལ་བྲག་དམར་བོན་གྱི་འདུ་འཚོགས་གནས། །མལ་གྲོས་གསས་མཁར་བོན་གྱི་འདུ་འཚོགས་གནས། །ཕུན་གྱི་བྲག་དམར་བོན་གྱི་འདུ་འཚོགས་གནས། །ཧས་པོ་ཁྲི་ཐང་བོན་གྱོ་འདུ་འཚོགས་གནས། །ལྷ་ས་ཡེར་པ་བོན་གྱི་འདུ་འཚོགས་གནས། །རྣམ་གྱི་རེ་མདའ་བོན་གྱི་འདུ་འཚོགས་གནས། །གནམ་མཚོ་དོརིང་བོན་གྱི་འདུ་འཚོགས་གནས། །སྟོང་རེས་ལུང་གསུམ་བོན་གྱི་འདུ་འཚོགས་གནས། །སྐྱི་ཤོར་ལུང་ནག་བོན་གྱི་འདུ་འཚོགས་གནས། །རེལ་རྒྱང་ཤང་མཐའ་བོན་གྱི་འདུ་འཚོགས་གནས། །མཚོ་གོན་རྒྱལ་མོ་རོང་དང་བཅུ་གསུམ་མོ། །
གཡོན་རུ་ན་བདུན་ཡོད་དེ། ཝོལ་ཀ་ཤུག་གཅིག་བོན་གྱི་འདུ་འཚོགས་གནས། །ཉང་ཡུལ་ཤང་ནག་བོན་གྱི་འདུ་འཚོགས་གནས། །གཡེ་ལུང་གང་སར་བོན་གྱི་འདུ་འཚོགས་གནས། །རྐོང་ཡུལ་བྲེ་སྣ་བོན་གྱི་འདུ་འཚོགས་གནས། །ཡར་ལུང་སོག་ཁ་བོན་གྱི་འདུ་འཚོགས་གནས། །སླུང་ཤོད་ཐང་དམར་བོན་གྱི་འདུ་འཚོགས་གནས། །མལ་གྲོས་མཚོ་ཤོད་དང་བདུན་ནོ། །
གཙང་གི་གཡས་རུ་ན་བརྒྱད་ཡོད་དེ། འོ་ཡུག་ས་ནག་བོན་གྱི་འདུ་འཚོགས་གནས། །ཤངས་ཀྱི་ཞང་ཤང་བོན་གྱི་འདུ་འཚོགས་གནས། །བྲུད་ཀྱི་མཁར་གདོང་བོན་གྱི་འདུ་འཚོགས་གནས། །རྟ་ནག་རྐྱང་ཕུ་བོན་གྱི་འདུ་འཚོགས་གནས། །མཇེད་ཀྱི་རྐྱང་འཁོར་བོན་གྱི་འདུ་འཚོགས་གནས། །སྟ་ཕུག་གྲོན་ལྷས་བོན་གྱི་འདུ་འཚོགས་གནས། །གཙང་གི་སྐྱེར་ཕུ་བོན་གྱི་འདུ་འཚོགས་གནས། །ཟང་ཟང་ལྷ་བྲག་དང་རྒྱད་དོ། །
གཡོན་རུ་དགུ་ཡོད་དེ། ཉང་སྟོང་སྟག་ཚལ་བོན་གྱི་འདུ་འཚོགས་གནས། །ཆུ་མགོ་རྟིང་རིང་བོན་གྱི་འདུ་འཚོགས་གནས། །མཁར་ཆེན་བྲག་དཀར་བོན་གྱི་འདུ་འཚོགས་གནས། །མཚོ་ལྔ་རལ་ཆུང་བོན་གྱི་འདུ་འཚོགས་གནས། །གཉེན་རྩེ་ཐང་ཤོར་བོན་གྱི་འདུ་འཚོགས་གནས། །གྲམ་པ་ཁ་ཆུ་བོན་གྱི་འདུ་འཚོགས་གནས། །ར་ཟ་ཐང་ཟླུམ་བོན་གྱི་འདུ་འཚོགས་གནས། །མང་མཁར་མདོ་ཕུག་བོན་གྱི་འདུ་འཚོགས་གནས། །ལྷ་ཡུལ་གོང་ཐང་དང་དགུའོ། །

ཨ་དཔལ་བཟང་གིས་མཁོ་འདོན་གནང་བར་བཀའ་དྲིན་ཆེ།
འདུ་གནས་སོ་བདུན་ནི། སྒྲ་འགྲེལ་ལས།
དབུ་རུ་ན་འདུ་གནས་བཅུ་གསུམ། གཡོན་རུ་ན་བདུན། གཡས་རུ་ན་བརྒྱད། རུ་ལག་ན་དགུ་སྟེ་སོ་བདུན་ནོ།
།ཞེས་སོ། །
དབུ་རུའི་བཅུ་གསུམ་ནི། ངན་ལམ་རལ་གསུམ། འདམ་ཤོད་སྣར་མོ།
འཕན་ཡུལ་སྲབ་དཀར། མལ་དྲོ་བ་རབ། ཤུན་གྱི་བྲག་དམར། ཧས་པོ་རི་ཐང་། ལྷ་ས་ཡེར་པ།
གནམ་གྱི་ར་གད། གནམ་མཚོ་དོ་རིང་། སྟོད་རིས་ལུང་གསུམ། སྐྱི་ཤོད་ལུང་ནག
རེ་རྐྱང་ཤ་མཐའ། མཆོག་གོན་རྒྱ་མོ་ཁང་དང་བཅུ་གསུམ་མོ། །
གཡོན་རུའི་བདུན་ནི། འོལ་ཀ་ཤུག་ཅིག
།ཉང་ཡུལ་ཤིང་ནགས། ཀོང་ཡུལ་བྲེ་སྣ། གཡའ་ལུང་གངས་སར། ཡར་ལུང་སོག་དཀར།
ཀླུམ་ཤོད་ཐང་དཀར། མལ་དྲོ་མཚོ་ཤོད་དང་བདུན་ནོ། །
གཡས་རུའི་བརྒྱད་ནི། འུ་ཡུག་ས་ནག ཤངས་ཀྱི་ཞང་ཚལ།
གྲུད་ཀྱི་མཁར་གདོང་། རྟ་ནག་རྒྱང་ཕུ། འཇད་ཀྱི་རྐྱང་མཁར། སྟ་བུ་དྲོན་ལྷས།
གཙང་གི་གྱེར་ཕུག ཟང་ཟང་ལྷ་བྲག་དང་བརྒྱད་དོ། །
རུ་ལག་དགུ་ནི། ཉང་སྟོད་སྟག་ཚལ། ཆུ་མགོ་རྡོ་རིང་། མཁར་ཆེན་བྲག་དཀར། མཚོ་ལྔའི་འདྲིལ་ཆུང་། གཉའ་རྩེ་ཐང་ཤོད། གྲམ་པ་ཁའུ། རག་ཟ་ཐང་ཟླམ། མང་དཀར་མདོ་ཕུག ལྷ་ཡུལ་གྲ་ཐང་དང་དགུའོ། །

དེ་རྣམས་སུ་འཆད་ཉན་སྒོམ་སྒྲུབ་ཆེས་དར་བ་ནི། དེ་ཉིད་ལས།
ངན་ལམ་རལ་གསུམ་བོན་གྱི་འདུ་འཚོགས་གནས། །འདམ་ཤོད་སྣར་མོ་བོན་གྱི་འདུ་ཚོགས་གནས།
།ཞེས་པ་ནས། ལྷ་ཡུལ་གུང་ཐང་བོན་གྱི་འདུ་ཚོགས་གནས། །ཞེས་པའི་བར་དུའོ། །གཞན་ཡང་བསྒྲགས་བྱང་ལས།
ཁྱུང་ལུང་དངུལ་མཁར། གངས་ཏི་སེ། སྤོས་རི་ངད་ལྡན། མཚོ་མ་པང་། བྲག་ཕུག་རོང་ཆེན།
མཚལ་རི་ཟུར་གསུམ། རྒྱལ་མཁར་བར་ཆོད། གངས་ཀྱི་བྱི་བ་མཁར། ཆུ་མིག་བརྒྱད་ཅུ་རྩ་གཉིས།
གངས་གཉའ་རྟ་སྒོ། མཚོ་མུ་ལེ་ཁྱུད། དང་རའི་མཚོ། ཁྲི་འོད་ཁྱུང་རྩེ། ཁྲི་འོད་རི་ཐང་། མང་མཁར་ལྕགས་འཕྲང་།
ར་ས་གཡུང་དྲུང་རོལ་པ། ལྕིམ་ལུང་བྲག་ཕུག་མཐའ་ཀ་རུ། ཟར་གྱི་སྟག་སྣ། རྟ་ནག་རྐྱང་ཕུག
གཙང་བྲག་ཟང་ཟང་མོ། དགོན་པ་བྱ་རྒོད་ཚང་། ཉང་རོ་རྟ་ཤལ། ཤང་རོ་ཤམ་པོ་རྩེ་དགུ།
ཉང་རོ་སྲུབས་ཀྱི་སྟག་ཚལ། ཡར་གྱི་ཐང་ལྷ། ཡར་ལུང་གི་ལྷ་རི་གྱང་ཏོ།
ཡར་ལུང་གི་མཁར་བ་ཏང་ཀ་མེད། བསམ་ཡས་བྲག་དམར། འགྲན་གྱི་རི་བོ།
འཕན་ཡུལ་འགྲོ་མར་ཕུག་མོ། གནམ་མཚོ་ཕྱུག་མོ། ཟླུམ་ཤོད་སྒང་ཚལ།
ཀོང་ཡུལ་སེ་མོ་བོན་ཐང་། ཀོང་ཡུལ་བྲེ་སྣ། རྒྱའི་གོང་བུ་དམར་རུ།
སུམ་པ་གླང་གི་གྱིམ་ཤོད། ཤེལ་ལེ་རྒྱ་དཀར་དང་སོ་བདུན་ནོ། །ཞེས་སོ། །
གྲོགས་པོ་ཞིག་གིས་དཔྱད་གཏམ་དུ་སྤེལ་བ་དེ་བཀོད་པ་ཡིན་ནོ།
།
No comments:
Post a Comment