Wednesday, April 25, 2018

འདས་པའི་བདུན་ཕྲག་གཉིས་རིང་གི་ལས་དོན་དང་འདྲ་པར།

འདས་པའི་བདུན་ཕྲག་གཉིས་རིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཆེད་བཅར་གྱིས་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་ཆེད་བརྩམས་གནང་བའི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་དོན་ནང་ཉིན་ ༡༢ ཙམ་རིང་མཉམ་ཞུགས་ཞུས།

ཞོར་དུ་ ༢༠༡༨ ཟླ་ ༤ ཚེས་ ༢༡ ཉིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཆེད་བསྐོང་གིས་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས། བླ་ཁྲི་མཁན་པོ་ཉི་མ་གྲགས་པ་མཆོག་སོགས་ཁྱོན་དགེ་བཤེས་ ༤༠ ཙམ་འདུ་འཛོམས་སར་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་དགེ་རྒན་ ༤ དང་རིག་གནས་འགན་འཛིན་ ༡  ༸དབུས་གཡུང་དྲུང་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་ཟུང་དྲུང་། དངུལ་གཉེར། བཙུན་དགོན་རཌྞ་སྨན་གླིང་གི་དཔེ་ཁྲིད་དགེ་རྒན། སྨན་རིའི་གླིང་གི་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་འགན་འཛིན་དང་། དགེ་རྒན་ ༢ བོན་ཕྲུག་བདེ་དོན་གྱི་འགན་འཛིན་དང་རིག་གཞུང་དགེ་རྒན། གཞན་ལས་སྣེ་ ༡ གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་དང་། ལས་སྣེ་རིམ་པ་ཁག་ ༥ སྨན་རིའི་གཞི་རིམ་དགེ་རྒན་ ༢ སྨན་རི་ཚང་གི་ལས་སྣེ་ ༢ གཡུ་དྲུང་བོན་གྱི་དྲའི་རྩོམ་སྒྲིག་པ་ ༢ སྨན་རིའི་མགྲོན་ཁང་གི་འགན་ཁུར་བ་སོགས་ཁྱོན་མི་གྲངས་ ༣༠ ལྷག་བསྐྱར་སྒྲིག་དང་གསར་བསྐོ་བཅས་གནང་བའི་གལ་ཆེའི་མཛད་སྒོ་དང་། 
ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༡ ཉིན་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་། བོན་གཞིས་ས་གནས་འགོ་འཛིན་ལས་ཁང་། བོན་བུ་ཁྱིམ་ཁང་བཅས་ནས་གོ་སྒྲིག་འོག ༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དབུ་བཞུགས་ཐོག་རྒྱ་གར་གཞུང་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་སློབ་ཀྱི་དགེ་ལས་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ། 
༢༠༡༨ ཟླ་ ༤ ཚེས་ ༡༣ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་མཆོག་དང་། རྩིས་ཞིབ་པ་གཉིས། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་རྒྱུགས་ཞིབ་པ་བཅས་བོན་གཞིས་ཉིན་སློབ་ཏུ་ཆེད་ཕེབས་སྐབས། བོན་གཞིས་ཉིན་སློབ་ཀྱི་དགེ་ལས་རྣམས་ཀྱིས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་དབུས་སྐུ་མགྲོན་རྣམས་ལ་གསོལ་སྟོན་འདེབས་འབུལ་ཞུས་པའི་མཛད་སྒོ་བཅས་སུ་བཅར་རྒྱུའི་གོ་སྐབས་བྱུང་བ་བཅས། ༢༠༡༨།༤།༢༣ ཉིན།








No comments: