|
Ram Nath Dudi R.S |
༄༅། །དེང་སྐབས་རྒྱ་གར་གྱི་ཆར་དུས་གྲོས་ཚོགས་ཚོགས་བཞིན་པ་དང་བསྟུན་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས་ཕྱི་ཚེས་ ༢༣ ཉིན་ནས་བཟུང་ཕྱི་ཚེས་ ༢༥ བར་རིམ་བཞིན་
༡༽རཇ་སི་ཐན་ནས་ཡིན་པ་
Bharatiya Janata Party (BJP) སྲིད་དོན་ཚོགས་མི་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་
རམ་ ནརཱ་ཨིན་ དྷུ་དྷི་ (Shri Ram Narain Dudi) མཆོག་དང་། ༢༽ཡུ་པི་ནས་ཡིན་པ་ Samajwadi Party (SP) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ཅནྡ་རཱ་པལ་
སིངྷ་ ཡ་དྷེབ་ (Dr. Chadrapal Singh Yadav) མཆོག ༣༽བྷི་ཧར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་
སང་ཇའེ་ ཇསེ་ཝལ་ (Dr. Sanjay Jaiswal) མཆོག ༤༽ Bharatiya Janata Party (BJP) སྲིད་དོན་ཚོགས་པའི་དབུས་འཛིན་སྐྱོང་སྤྱི་ཁྱབ་དྲུང་ཆེ་ མ་ཧེན་དྷརཱ་
པན་ཌེ་ (Mahendra Pandey) མཆོག ༥༽པན་ཇབ་ནས་ཡིན་པ་ Indian National Congress Party (INC) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ ཤམ་ཤེར་ སིངྷ་
དྷུ་ལོ་ (Shri Shamsher
Singh Dullo) མཆོག ༦༽གྷུཇ་རཏ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ཀིརྟི་ པེརེམ་ཇི་བྷའེ་ སོ་ལན་ཀི་
(Dr.(Prof.) Kirti Peremjibhai Solanki) མཆོག ༧༽ནུབ་བྷང་གྷལ་ནས་ཡིན་པ་ INC སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་
མའུ་སམ་ ནཽར་ (Smt. Mausam
Noor) མཆོག ༨༽མ་དྷེཡ་པར་དེཤ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ རི་ཏི་
པཱ་ཊཀ་ (Smt. Riti Pathak) མཆོག ༩༽བྷི་ཧར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ སུ་ཤིལ་ ཀུ་མར་ སིངྷ་ (Shri
Sushil Kumar Singh) མཆོག ༡༠༽བྷི་ཧར་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ས་ཏིཤ་ ཅནྡ་རཱ་ དྷུ་བྷའེ་ (Shri Satish Chandra Dubey) མཆོག ༡༡༽ཇར་ཁནྜ་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ པ་ཤུ་པ་ཏི་ ནཱཐ་ སིངྷ་ (Shri Pashupati Nath Singh) མཆོག ༡༢༽སྲིད་འཛིན་གྱིས་ཐད་བསྐོས་གནང་བ་གྲོས་ཚོགས་གོང་མའི་འཐུས་མི་
སཝཱ་པན་ དྷས་གྷུབ་ཏ་ (Shri Swapan Dasgupta) མཆོག ༡༣༽ཡུ་པི་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ར་ཝི་དྷརཱ་ ཀུཤཱ་ཝ་ཧ་ (Shri Ravindra
Kushwaha) མཆོག ༡༤༽བྷི་ཧར་ནས་ཡིན་པ་
BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་
ནི་ཏེ་ཡ་ནནྡ་ རའི་ (Shri
Nityanand Rai) མཆོག ༡༥༽ཡུ་པི་ནས་ཡིན་པ་
BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ནེ་པལ་
སིངྷ་ (Dr.Nepal Singh) མཆོག ༡༦༽ཨ་སམ་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ར་མེན་ དྷེ་ཀཱ་ (Shri Ramen Deka) མཆོག ༡༧༽ཆ་ཏིས་གྷར་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ ར་མེཤ་ བྷི་ཨས་ (Shri Ramesh Bais) མཆོག ༡༨༽ཧ་རི་ཡ་ན་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ རམ་མེཤ་ ཅན་དྷེར་ ཀཱའུ་ཤིཀ་ (Shri Ramesh
Chander Kaushik) མཆོག ༡༩༽ཏི་ལིང་གྷ་ན་ནས་ཡིན་པ་
Telangana Rashtra Samithi (TRS) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་
ཨ་ཛུ་མཻརཱ་ སེ་ཏ་རམ་ (Dr. Azmeera
Seetaram) མཆོག ༢༠༽ཨ་སམ་ནས་ཡིན་པ་
BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་
བྷི་ཇོ་ཡ་ ཅ་ཀར་ཝརྟེ་ (Smt Bijoya Chakravarte) མཆོག ༢༡༽མ་ཧ་ར་ཤི་ཏྲི་ཡ་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ ཝི་ནའེ་ པི་ སཧཱ་སུར་བྷུདྷེ་ (Dr. Vinay P. Sahasrabudhe) མཆོག ༢༢༽ནུབ་བྷང་གྷལ་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། སྲིད་འཛིན་གྱི་ཐད་བསྐོས་གྲོས་ཚོགས་གོང་མའི་འཐུས་མི་ རཽ་པ་
གྷང་གུ་ལའེ་ (Smt Roopa Ganguly) མཆོག ༢༣༽ཨ་སམ་ནས་ཡིན་པ་
BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ རམ་མེ་སེ་ཝར་
ཊེ་ལི་ (Shri Rameswar Teli) མཆོག ༢༤༽ཀ་ཎ་ཀྲ་ཀ་ནས་ཡིན་པ་
BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ པཪ་ལཧྡ་
ཝེན་ཀཱ་ཏེཤ་ ཇོ་ཤི་ (Shri Pralhad Venkatesh Joshi) མཆོག་བཅས་སུ་ཞོགས་པ་གྲོས་ཚོགས་མ་ཚོགས་གོང་དང་དགོང་མོ་གྲོས་ཚོགས་གྲོལ་མཚམས་རྣམས་སུ་འཐུས་མི་སོ་སོའི་བཞུགས་གནས་སུ་ཆེད་བཅར་གྱིས་མཇལ་འཕྲད་ཞུས།
མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འཚམས་འདྲིའི་མཇལ་དར་དང་ཕྱག་རྟགས་ཕུལ་རྗེས།
ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། འཕགས་བོད་གཉིས་ཆོས་དང་རིག་གཞུང་། ཁོར་ཡུག་གནས་བབ་བཅས་ཀྱི་འབྲེལ་ལམ་དང་བོད་རྒྱ་ནག་གིས་དབང་དུ་བསྒྱུར་རྗེས་ཀྱི་ཉེན་ཚབས་སྐོར།
བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་བཅས་གསལ་བཤད་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུ་སྔ་རྗེས་སུ་བཞག་གནང་བ་རྒྱ་གར་གྲོས་ཚོགས་འཐུས་མིས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་སྐོར་གྲོས་ཆོད་ཁག་གི་དགོངས་དོན་མཇུག་སྐྱོང་དང་།
རྒྱབ་སྐྱོར་ཡོང་ཐབས། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་སྐྱབས་བཅོལ་བར་བཀའ་དྲིན་བསྐྱངས་གནང་བར་ཐུགས་རྗེ་ཆེ་སོགས་ཞུས་པར་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་མྱོང་མཁན་རྣམས་བོད་དོན་སྐོར་ལ་མཁྱེན་རྟོགས་དང་རྒྱབ་སྐྱོར་སྨོས་མེད་ཐོག་ཐུགས་ཁུར་ལམ་སྟོན་དང་།
སྤྱི་ཡོངས་ནས་ཚང་མས་ཐུགས་སྣང་ཤུགས་ཆེ་གནང་གི་འདུག་ཀྱང་བོད་ཀྱི་གནད་དོན་སྐོར་མ་མཁྱེན་པ་འགའ་ཞིག་འདུག་པ་ལའང་བོད་དོན་ངོ་སྤྲོད་སོགས་ཀྱི་ཕན་ཐོགས་གང་ལེགས་ཀྱིས་ད་སྐབས་ལས་རིམ་མུ་མཐུད་འགྲོ་བཞིན་ཡོད་ཅིང་།
གྲོས་ཚོགས་འཐུས་མི་རྣམས་ལ་དུས་ཚོད་ཞུས་སྟེ་མཉམ་བཅར་ཞུ་རྒྱུ་སོགས་ཀྱི་འགན་ཁུར་གཙོ་བོ་འཕགས་བོད་འབྲེལ་མཐུད་ཁང་གི་ལས་བྱེད་བསྟན་འཛིན་དཔལ་འབྱོར་ནས་ཞུ་བཞིན་པ་དང་།
ཚོགས་དྲུང་ལས་བྱེད་སྐལ་བཟང་གཡུ་སྒྲོན་དང་། འཕགས་བོད་འབྲེལ་མཐུད་ལས་བྱེད་ཆོས་ཉིད་ཚེ་རིང་གཉིས་ཀྱང་མཉམ་བཅར་ཞུ་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།
བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་བོད་དོན་
ཞུ་སྐུལ་མུ་མཐུད་གནང་བཞིན་པ།
|
Jagat Prakash Nadda RS Minister |
བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུ་ཁྲིད་པའི་རྒྱུན་ལས་ཚོགས་ཆུང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་མུ་མཐུད་གནང་བཞིན་ཡོད་པ་ལྟར།
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༥ ནས་ ༢༩ བར། ༡༽ཏི་ལིང་གྷ་ན་ནས་ཡིན་པ་ TRS སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་
ཝི་ ལཀྴ་མི་ཀན་ཐཱ་ རའོ་ (Shri V.
Lakshmikantha Rao) མཆོག་དང་།
༢༽ཡུ་པི་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ ཀུན་ཝར་ བྷ་རཱ་ཏེན་དྷརཱ་ སིངྷ་ (Shri Kunwar Bharatendra Singh) མཆོག ༣༽ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་།
BJP སྲིད་དོན་ཚོགས་མི། གྲོས་ཚོགས་འོག་མའི་འཐུས་མི།
རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འགན་འཛིན་ ཤན་ཏ་ ཀུ་མར་ (Shri Shanta Kumar མཆོག ༤༽ན་ག་ལནྡ་ནས་ཡིན་པ་
Naga People's Front (NPF) སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་གོང་མའི་འཐུས་མི་ ཀེ་ ཇི་ ཀེན་ཡེ་ (Shri K.G.
Kenye) མཆོག ༥༽ཀེ་རེལ་ལཱ་ནས་ཡིན་པ་
Janata Dal (United) (JDU) སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་གོང་མའི་འཐུས་མི་ ཨེམ་པི་ ཝཻ་རན་དྷརཱ་ ཀུ་མར་ (Shri M.P. Veerendra Kumar) མཆོག ༦༽ཧི་མ་ཅལ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི།
རྒྱ་གར་འཕྲོད་བསྟེན་བློན་ཆེན། ཇགཱཏ་ པརྐཤ་ ན་ཌཱ་ (Shri Jagat Prakash Nadda) མཆོག ༧༽ཀ་ཎ་ཀྲ་ཀ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་
སུརེཤ་ ཅནཱ་བྷ་ས་པཱ་ ཨན་གྷ་ཌི་ (Shri Suresh Chanabasappa Angadi) མཆོག ༨༽མ་དྷེཡ་པར་དེཤ་ནས་ཡིན་པ་
BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་
ལཀྴམི་ ན་ར་ཡན་ ཡ་དྷེབ་ (Shri Laxmi Narayan
Yadav) མཆོག ༩༽ཏཱ་མིལ་ན་དྷུ་ནས་ཡིན་པ་ Dravida
Munnetra Kazhagam (DMK) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་
ཊི་ ཀེ་ ཨེས་ ཨེ་ལན་གྷོ་ཝན་ (Shri T.K.S. Elangovan) མཆོག ༡༠༽ཇར་ཁནྜ་ནས་ཡིན་པ་
BJP སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་
རམ་ ཏ་ཧལ་ ཅོ་དྷ་རི་ (Shri Ram Tahal Choudhary) མཆོག ༡༡༽ཏི་ལིང་གྷ་ན་ནས་ཡིན་པ་
INC སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་
ཀེ་ ཝི་ པི་ རམཱ་ཅནྡ་རཱ་ རའོ་ (Dr. K. V.
P. Ramachandra Rao) མཆོག ༡༢༽ཨནྡརཱ་པར་དྷེཤ་ནས་ཡིན་པ་
Telugu Desam Party (TDP) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ རམ་ མོ་ཧན་ ནའི་ཌུ་ ཀིན་ཇ་ར་པུ་ (Shri Ram
Mohan Naidu Kinjarapu) མཆོག ༡༣༽བྷི་ཧར་ནས་ཡིན་པ་ Loktantrik Janata Dal(LJD)
སྲིད་དོན་ཚོགས་པ་གསར་འཛུགས་གནང་མཁན་དང་། གྲོས་ཚོགས་འཐུས་མི་ཟུར་པ་ ཤྷ་རཱད་ ཡ་དྷེབ་
(Shri Sharad Yadav) མཆོག ༡༤༽LJD སྲིད་དོན་ཚོགས་པའི་དབུས་དྲུང་ཆེ་
ཨ་རུན་ སརི་ཝས་ཏ་ཝཱ་ (Shri Arun Srivastava) མཆོག ༡༥༽LJD སྲིད་དོན་ཚོགས་པའི་དབུས་དྲུང་ཆེ་ ཇ་ཝེཌ་ རཱ་ཛཀ་ (Shri Javed Razak) མཆོག ༡༦༽ལྡི་ལི་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ མ་ཧིཤ་གྷི་རི་ (Shri Maheish Girri) མཆོག ༡༧༽ Janata Dal (United) སྲིད་དོན་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་ ཨཧྥ་ཁུའེ་
ཨཧ་མདྷ་ ཁན་ (Shri Afaque Ahmed Khan) མཆོག ༡༨༽ བྷི་ཧར་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ རམ་ ཅནདྷརཱ་ པརཱ་སདྷ་ སིངྷ་ (Shri Ram Chandra Prasad Singh) མཆོག ༡༩༽ཇར་ཁནྜ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་། གྲོས་ཚོོགས་འོག་མའི་འཐུས་མི་
ནི་ཤི་ཀནྟ་ དྷུ་བྷའེ་ (Dr.
Nishikant Dubey) མཆོག ༢༠༽ཐོག་ཨོ་རི་ས་ནས་ཡིན་པ་ Biju Janata Dal (BJD) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་
པི་ན་ཀི་ མིས་རཱ་ (Shri
Pinaki Misra)
མཆོག་བཅས་རིམ་བཞིན་མཇལ་འཕྲད་ཞུས་པ་དང་། ཕྱི་ཚེས་ ༢༦
ཉིན་གྲོས་ཚོགས་གོང་མར་ཟུར་ཉན་དུ་ཆེད་བཅར་ཞུས། འཐུས་མི་རྣམས་དང་མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་རྒན་པ་བོད་དོན་ལ་རྒྱུས་མངའ་ཅན་ཚོའི་མདུན་ནས་བཀའ་སློབ་ལམ་སྟོན་དང་།
བོད་དོན་ལ་རྒྱུས་མངའ་མེད་པ་ཚོར་བོད་དོན་སོགས་ངོ་སྤྲོད།
སྤྱི་ཡོངས་ནས་གྲོས་ཚོགས་འཐུས་མི་སོ་སོ་དང་།
འབྲེལ་ཆགས་ཆབ་སྲིད་ཚོགས་པ་བཅས་ཀྱི་ངོས་ནས་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་གནང་ཐབས་ཡོང་བ་ཞུས་དོན་ལྟར་མི་རེ་ངོ་རེ་ནས་ཞུ་སྐུལ་ལ་དང་ལེན་སོགས་ཐུགས་སྣང་ཆེར་བསྐྱེད་གནང་བ་མ་ཟད།
འགའ་ཞིག་ནས་སོ་སོའི་སྲིད་དོན་ཚོགས་པའི་ནང་དང་།
འགའ་ཞིག་ནས་གྲོས་ཚོགས་ནང་བཅས་སུ་བོད་དོན་སྐོར་གླེང་སློང་ཡོང་ཐབས་ཀྱི་ཞལ་བཞེས་གནང་སོང་བ་བཅས།།
བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་
གྲོས་ཚོགས་སུ་བོད་དོན་ཞུ་སྐུལ་རེ་ཞིག་གྲུབ་གནང་བ།
|
Thawar Chand Gehlot Minister |
བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུ་ཁྲིད་པའི་རྒྱུན་ལས་ཚོགས་ཆུང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་མུ་མཐུད་གནང་བཞིན་ཡོད་པ་ལྟར།
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣༠ ནས་ཟླ་ ༨ ཚེས་ ༡ བར། ༡༽ ཨནྡ་ར་པར་དྷེཤ་ནས་ཡིན་པ་ TDP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ མ་གྷན་ཏི་ ཝེནཀ་ཏེཤ་ཝ་རཱ་ རའོ་ (Shri Maganti Venkateshwara Rao
[babu]) མཆོག་དང་། ༢༽ཇམ་མུ་ཀ་ཤི་མིར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ ཇུ་གྷལ་ ཀི་ཤོརེ་ ཤར་མ་ (Shri Jugal
Kishore Sharma) མཆོག
༣༽ཇམ་མུ་ཀ་ཤི་མིར་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི།
སྲིད་བློན་ལས་ཁུངས་ཀྱི་བློན་ཆེན་ ཇི་ཏེན་དྷརཱ་
སིངྷ་ (Dr. Jitendra Singh) མཆོག ༤༽ལྡི་ལི་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ མེ་ནཀ་ཤི་ ལེ་ཁི་ (Smt
Meenakshi Lekhi) མཆོག ༥༽ཏི་ལིང་གྷ་ན་ནས་ཡིན་པ་ TRS སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ ཀོན་ཌ་ ཝིཤ་ཝེཤ་ཝར་ རེ་ཌེ་ (Shri Konda
Vishweshwar Reddy) མཆོག ༦༽བྷི་ཧར་ནས་ཡིན་པ་ JD (U)
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ ཀཧ་ཀ་ཤན་ པེར་ཝེན་ (Smt
Kahkashan Perween) མཆོག ༧༽ཀེ་རེ་ལཱ་ནས་ཡིན་པ་དང་ Communist Party India (CPI)
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ སི་ ཨན་ ཇ་ཡ་དྷེ་ཝན་ (Shri C. N. Jayadevan) མཆོག ༨༽ཡུ་པི་ནས་ཡིན་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་ རམ་ ཤ་ཀར་ (Shri Ram Shakal) མཆོག ༩༽ཀེ་རེལ་ལཱ་ནས་ཡིན་པ་ INC སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ ཀུ་རུབ་པ་སེརེ་ ཝར་ཀེཡ་ ཐོ་མས་ (Prof. Kuruppassery Varkey Thomas) མཆོག
༡༠༽ཡུ་པི་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི། ཤེས་ཡོན་བློན་ཆེན་གཞོན་པ་ སཱཏ་ཡ་པལ་ སིངྷ་ (Shri Satyapal Singh) མཆོག (Minister of State for Human Resource Development) ༡༡༽མ་དྷེཡ་པར་དེཤ་ནས་ཡིན་པ་
BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་གོང་མའི་འཐུས་མི། སྤྱི་ཚོགས་དང་ནུས་ཤུགས་ཀྱི་བློན་ཆེན་ ཐ་ཝར་ ཅནྡ་
གྷེ་ལོཊ་ (Shri Thawar Chand Gehlot) མཆོག
༡༢༽ཀེ་རེལ་ལཱ་ནས་ཡིན་པ་ INC
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི་ སུ་རེཤ་ ཀོ་ཌི་ཀུ་ནིལ་ (Shri Suresh Kodikunnil) མཆོག
༡༣༽ཨ་རུ་ན་ཅལ་ནས་ཡིན་པ་ BJP
སྲིད་དོན་ཚོགས་མི་དང་། གྲོས་ཚོགས་འོག་མའི་འཐུས་མི། ནང་སྲིད་བློན་ཆེན་གཞོནཔ་ ཀི་རེན་
རི་ཇི་ཇུ་ (Shri Kiren Rijiju) མཆོག
༡༤༽ཡུ་པི་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི། དབུས་བློན་ཆེན་ཟུར་པ་ སན་ཇིབ་ ཀུ་མར་ བྷལ་ཡན་ (Dr. Sanjeev Kumar Balyan) མཆོག
༡༥༽བྷི་ཧར་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ བྷི་རེན་དྷརཱ་ ཀུ་མར་ ཅོ་དྷ་རི་ (Shri Birendra Kumar Chaudhary) མཆོག
༡༦༽ཨ་སམ་ནས་ཡིན་པ་ INC སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་གོང་མའི་འཐུས་མི་ རི་པུན་ བྷོ་ར་ (Shri Ripun
Bora) མཆོག ༡༧༽མ་དྷེཡ་པར་དེཤ་ནས་ཡིན་པ་
BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི་ ཇཱ་ནར་དྷེན་ མིཤ་ར་ (Shri
Janardan Mishra) མཆོག ༡༨༽ཏ་མིལ་ན་དྷུ་ནས་ཡིན་པ་ All India
Anna Dravida Munnetra Kazhagam (AIADMK) སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་གོང་མའི་འཐུས་མི་ ཝ་སུ་དྷེ་ཝན་ མའི་ཐརེ་ཡན་ (Dr. Vasudevan
Maithreyan) མཆོག ༡༩༽མ་ཧ་ར་ཤི་ཏྲི་ཡ་ནས་ཡིན་པ་ BJP སྲིད་དོན་ཚོགས་མི་དང་།
གྲོས་ཚོགས་འོག་མའི་འཐུས་མི། ནང་སྲིད་བློན་ཆེན་གཞོན་པ་ ཧན་སེ་རཇ་ གངྒ་རམ་ ཨ་ཧིར་ (Shri Hansraj Gangaram Ahir) མཆོག་བཅས་རིམ་བཞིན་མཇལ་འཕྲད་ཞུས་ཏེ་བོད་དོན་ཞུ་སྐུལ་གནང་།
ཕྱི་ཟླ་ ༧ ཚེས་ ༢༣ ནས་བཟུང་སྟེ་ཕྱི་ཟླ་ ༨ ཚེས་ ༡ བར་རྒྱ་གར་མངའ་སྡེ་ཁག་ ༢༣
ཁྱབ་ཁོངས་ནས་གྲོས་ཚོགས་གོང་འོག་གི་འཐུས་མི་ཁྱོན་ ༥༨
མཇལ་འཕྲད་བྱུང་བ་ལས་སྲིད་དོན་ཚོགས་པ་མ་འདྲ་བ་ཁག་ ༡༡ དང་།
སྲིད་དོན་ཚོགས་པའི་ཁོང་གཏོགས་སུ་མེད་པ།
སྲིད་འཛིན་གྱིས་ཐད་བསྐོས་གནང་བ་བཅས་ཡོད་པ་མ་ཟད། དབུས་གཞུང་གི་བློན་ཆེན་ ༦
ཡོད་པ་དང་། གྲོས་ཚོགས་འཐུས་མི་མ་ཡིན་པའི་གལ་ཆེའི་སྲིད་དོན་མི་སྣ་ ༥
དང་ཡང་མཇལ་འཕྲད་ཞུས། ཕྱི་ཟླ་ ༨ ཚེས་ ༡ དགོང་མོ་ཆུ་ཚོད་ ༧།༣༠ ནས་ ༩།༠༠
བར་རྒྱལ་ས་ལྡི་ལིའི་ Constitution Club ཏུ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་འགན་འཛིན།
ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ།
གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གི་གཙོ་སྐྱོང་འོག་རྒྱ་གར་གྲོས་ཚོགས་འཐུས་མི་
༡༢ དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་གཙོས་རྒྱུན་ལས་ཚོགས་ཆུང་གི་འཐུས་མི་རྣམ་པ་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད།
ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་མཆོག
འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་རྣམ་པ་བཅས་ཚོགས་འདུ་ཚོགས་གནང་སྟེ།
ཚོགས་འདུ་སྔོན་མ་ཁག་གི་གྲོས་ཆོད་ལ་མཇུག་གནོན་ཇི་བྱུང་བསྐྱར་ཞིབ་དང་། ད་ལན་ཞུ་སྐུལ་གྱི་གནས་བབ་ཁག་སྙན་སྒྲོན།
མ་འོངས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་དོན་དང་འབྲེལ་བའི་ཕྱག་ལས་གནང་ཕྱོགས་སོགས་ལ་གོ་བསྡུར་གྱིས་གྲོས་ཆོད་རིམ་པ་ཁག་ཅིག་བཞག་གནང་སྟེ་རྒྱ་གར་དབུས་གྲོས་ཚོགས་སུ་བོད་དོན་ཞུ་སྐུལ་གྱི་ལས་དོན་རེ་ཞིག་མཇུག་སྒྲིལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།
No comments:
Post a Comment