Thursday, March 5, 2020

སྐུ་ཚེ་བསྐལ་བརྒྱའི་མཆོད་སྤྲིན།


སྨན་རིའི་དགེ་བཤེས་སྨོན་ལམ་མཐར་ཕྱིན།

དབུ་དཀར་འཛུམ་དཀར་ཚེམས་དཀར་དཀར་ཐག་བཟང་།།
འཆད་མཁས་རྩོད་མཁས་རྩོམ་མཁས་མཁས་པའི་ཕུལ།།
སྤང་ལམ་སྒྱུར་ལམ་གྲོལ་ལམ་ལམ་ཀུན་བསྙེགས།།
ཐུན་སྒོམ་ངང་སྒོམ་ཀློང་སྒོམ་སྒོམ་ཕུགས་ཆོད།།
                        ལྔ་སྙིགས་རྦ་རླབས་དྲག་ཏུ་འཁྲུག་པའི་ཀློང་།།
                        གསང་གསུམ་མཚན་པའི་དར་ཆེན་མ་གཡོལ་ཞིང་།།
                        གྱེར་བསྟན་སྲིད་པ་གསུམ་ན་བསྒྲེངས་པའི་མཉེན།།
                        ཡོངས་འཛིན་སྨྲ་བའི་དབང་པོ་༸ཞབས་བརྟན་གསོལ།།
འཕྲུལ་ངག་བོན་བསྟན་འཛིན་པ་ཀུན་གྱི་མགོན།།
མཉམ་མེད་རྒྱལ་བ་སྨན་རིའི་ལུགས་བཟང་དཔལ།།
གོ་ལའི་ཁྱོན་དུ་འདྲེན་པའི་དེད་དཔོན་རྗེ།།
ཡོངས་འཛིན་སྨྲ་བའི་ཉི་མ་རྟག་འཆར་ཤོག །
                        ཁྱེད་ཀྱི་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག །
                        ཁྱེད་ཀྱི་མཚན་དཔེ་སྲིད་འདིར་འཛུམ་བཞིན་པའི།།
                        དགའ་སྤྲོའི་བདེ་སྐྱིད་བརྗོད་བྱའི་ཡུལ་ལས་འདས།།
                     སྐུ་ཚེ་མི་ཤིགས་བསྐལ་བརྒྱར་༸ཞབས་བརྟན་གསོལ།།
        བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་གཉེར་བཞིན་པའི་རྒྱལ་གཤེན་བོན་སྒྲའི་དྲ་ཚིགས་སུ་འགོད་ཆེད་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༤ ཉིན་ཕུལ་བའོ།།                   
                               



                               

No comments: