Tuesday, December 29, 2015

དགུང་སྟོན་བསུ་བའི་དབྱངས་རྟ། སྨད་ཆ།


༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་མཆོག་མངོན་པར་བཞད་ནས་མི་ལོ་ ༩༠ ཐམ་པ་སོན་པའི་དུས་ཚིགས་དང་བསྟུན་བོད་གངས་ཅན་ཞིང་གི་གཞས་པ་གཞས་མ་གྲགས་ཅན་ཁག་ནས་བསྟོད་དབྱངས་ཕུལ་བའི་བརྙན་འཁོར། དགུང་སྟོན་བསུ་བའི་དབྱངས་རྟ་ཞེས་པ་དེའི་སྨད་ཆ་བཞུགས།

Monday, December 28, 2015

དགུང་སྟོན་བསུ་བའི་དབྱངས་རྟ། སྟོད་ཆ།

༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་མཆོག་མངོན་པར་བཞད་ནས་མི་ལོ་ ༩༠ ཐམ་པ་སོན་པའི་དུས་ཚིགས་དང་བསྟུན་བོད་གངས་ཅན་ཞིང་གི་གཞས་པ་གཞས་མ་གྲགས་ཅན་ཁག་ནས་བསྟོད་དབྱངས་ཕུལ་བའི་བརྙན་འཁོར། དགུང་སྟོན་བསུ་བའི་དབྱངས་རྟ་ཞེས་པ་དེའི་སྟོད་ཆ་བཞུགས།

Sunday, August 30, 2015

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་སྐུ་གཤེགས་ནས་མི་ལོ་ ༤ འཁོར་བའི་རྗེས་དྲན།

༡༩༥༦ ལོར་རྒྱ་དམར་གྱི་ལུགས་ངན་ལས་འགུལ་ལ་ངོ་རྒོལ་གྱིས་
རང་ཡུལ་དང་བྲལ་བ་ནས་མི་ཚེའི་རིང་གི་བྱུང་རིམ་ས་བོན།
ཕྱི་ལོ་ ༡༩༥༠ ལོའི་དབྱར་ཐོག་དེར་རྒྱ་དམར་དམག་དཔུང་སྡེ་དགེ་དགོན་ཆེན་དུ་སླེབས། ཟླ་ ༨ པའི་ནང་འབྲི་ཆུ་བརྒལ། དགུན་ཐོག་དེར་ཕྲན་རང་སྡེ་དགེ་དགོན་ཆེན་དུ་ཕྱིན་པར། ཕོ་བྲང་རྙིང་པའི་ནང་རྒྱ་དམག་མང་པོ་བསྡད་ཡོད་པ་རྒྱ་མི་མཐོང་བ་དང་པོ་ཡིན། ཁྲོམ་ཤིང་ཟེར་བའི་འཁྲབ་སྟོན་དང༌། གློག་བརྙན་འདྲ་མིན་མང་པོ་བསྟན་པར་བལྟས། བརྡ་འདྲེན་སོགས་ཀྱི་གླ་སྤྲད་པ་དངུལ་དྭ་སྒོར་མཐོང་བ་ཡང་དང་པོ་ཡིན། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ཡུལ་དུ་ཕེབས་པ་གོ་བ་དང༌། ཡར་ཕྱོགས་སྡེ་དགེ་དགོན་ཆེན་རྒྱལ་སར་ྋཞབས་འཁོད་སྐབས་ཕྲན་རང་རྫོང་སར་དགོན་གྱི་ཕེབས་བསུ་བའི་གྲས་སུ་བཅར། ཞལ་མཇལ་དངོས་དང་བཀའ་དབང་བཅས་ཐོབ་པ་ཡང་དང་པོ་ཡིན་ཅིང༌། དེ་སྐབས་སེར་སྐྱ་ཚང་མས་རྒྱ་དམར་དང་མཉམ་སྡོད་མི་དགོས་པ་ཡོང་རེ་ཆེན་པོ་བྱས་པ་རེད།

Sunday, June 14, 2015

གཡུང་དྲུང་བོན་གྱི་སྤྱི་འཐུས་སྐོར།

སྐབས་ ༡༤ པའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གོ་སྒྲིག་ཚོགས་པས་རེ་སྐུལ་གནང་དོན་བཞིན། ཉིན་ ༦ པ་སྟེ་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༣ ཉིན་ཁོ་བོས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་བྱུང་རིམ་སོགས་དང་འབྲེལ་བའི་སྐོར་གཏམ་བཤད་ཞུས་སྐབས་ཀྱི་ས་བོན་གཤམ་གསལ་དྲ་ཐག་བརྒྱུད་འགོད་འབུལ་ཞུས་ཡོད།

གཡུང་དྲུང་བོན་གྱི་སྤྱི་འཐུས་སྐོར།

Monday, May 11, 2015

བོན་གྱི་གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་ཡུལ་མིར་རོགས་མགོན་གནང་གནས།


གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་ས་ཡོམ་གྱིས་གནོད་སྐྱོན་ཕོག་པའི་ཡུལ་མིར་རོགས་མགོན་གནང་གནས།


Wednesday, April 22, 2015

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་པར་ཐེངས་གསར་འདོན།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་གནང་རིམ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་དྲ་རྒྱ་འདིའི་ནང་དུ་ཡོད་པའི་ཁྲིམས་སྒྲིག་ཁག་ལའང་བསྐྱར་བཅོས་ཞུ་བཞིན་ཡོད་ལ། ཉེ་སྔོན་ཕྱི་ཟླ་ ༣ པར་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པར་ཁྲིམས་སྒྲིག་བསྐྱར་བཅོས་གནང་བ་ཁག་ཀྱང་འདི་ནང་བསྐྱར་བཅོས་ཟིན་པས། རིང་མིན་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་བཅས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁེ་གཙང་དེབ་གཟུགས་སུ་པར་ཐེངས་གསུམ་པ་པར་སྐྲུན་ཞུ་མུས་ཐོག ཕབ་ལེན་དང་གཟིགས་བདེའི་ཆེད་པར་རྩ་དྲ་རྒྱ་འདིའི་གལ་ཆེའི་དྲ་ཐག་སྡེ་ཚན་དུ་བཞག་ཡོད་པས་གཟིགས་གནང་ཡོང་བ་ཞུ།
སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས། ༢༠༡༥།༠༤།༡༧ ལ། 


ཡོང་ཁུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཚིགས།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི།

Thursday, April 16, 2015

བོད་བཙན་པོའི་ལོ་རྒྱུས་ལས་འཕྲོས་པའི་བོད་ཀྱི་བདག་དབང་སྐོར།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༣ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་རང་བཙན་གྱི་ཉིན་མོ་བརྩི་སྲུང་དང་འབྲེལ། རྡ་ས་མེག་གྷན་ཉིན་མོའི་སློབ་གྲྭར་བོད་བཙན་པོའི་སྐབས་ཀྱི་བཀའ་གཙིགས་རྡོ་རིང་སྐོར་ལ་བགྲོ་གླེང་གོ་སྒྲིག་ཞུས་སྐབས། ཁོ་བོར་བོད་བཙན་པོའི་སྐོར་བཤད་དགོས་པའི་སྐུལ་མ་བྱུང་དོན་ལྟར་གཞིས་བཞུགས་རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱིས་བྲིས་གནང་བའི་(བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག) ཅེས་པ་དེ་གཞི་བཞག་ཐོག་མི་མང་ལ་དེང་རབས་ཀྱི་ལམ་སྲོལ་ལྟར་བརྙན་ཡོལ་བརྒྱུད་བོད་བཙན་པོའི་ལོ་རྒྱུས་ལས་འཕྲོས་པའི་བོད་ཀྱི་བདག་དབང་སྐོར་ཞེས་པ་ཞིག་འགྲེལ་བརྗོད་བྱས་པའི་བཤད་གཞིའི་ས་བོན་གཤམ་གསལ་དྲ་ཐག་བརྒྱུད་འགོད་འབུལ་ཞུས་ཡོད།

བོད་བཙན་པོའི་སྐོར།

སྐབས་དེའི་གནས་ཚུལ།

གྲོས་ཚོགས་ཚོགས་དུས་དགུ་པའི་གནས་བསྡུས།



སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ
༢༠༡༥ ཟླ་ ༣ ཚེས་ ༡༦ ནས་ ༢༨ བར་ཚོགས་གནང་བའི་
གནས་ཚུལ་སྙིང་བསྡུས།

ཉིན་དང་པོ། ༢༠༡༥།༣།༡༦
          སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དབུ་བཞུགས་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་བཅས་ཚོགས་མི་རྣམས་ལྷན་འཛོམས་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ། ཚོགས་གཙོའི་དབུ་འཛུགས་ཀྱི་གསུང་བཤདཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་། རང་ལུས་མེར་སྲེག་གཏོང་མཁན་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་དང་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བཀུར་འོས་སྤྱི་འཐུས་གྲངས་ ༡༠ ཡིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོར་གནང་བ་དང་། དུས་ཡུན་གཞན་ཐོག་བགྲོ་གླེང་མུ་མཐུད་གནང་རྒྱུ་གནང་།

Wednesday, April 15, 2015

བོད་ཀྱི་རྒྱལ་དར་དང་འབྲེལ་བའི་བསམ་ཚུལ་ཐོར་བུ་འགའ།

 ༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༣ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་བོད་རང་བཙན་ཉིན་མོ་བརྩི་སྲུང་དང་འབྲེལ་འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་སྐབས། རྡ་ས་ཉིན་མོའི་སློབ་གྲྭར་ཁོ་བོས་བོད་ཀྱི་རྒྱལ་དར་སྐོར་གཏམ་བཤད་བྱས་སྐབས་ཀྱི་བཤད་གཞིའི་ས་བོན་གཤམ་གསལ་འབྲེལ་ཐག་བརྒྱུད་བཀོད་ཡོད། 

བོད་ཀྱི་རྒྱལ་དར་དང་འབྲེལ་བའི་བསམ་ཚུལ་ཐོར་བུ་འགའ།

བོད་ཀྱི་བང་ཆེན།

Thursday, February 26, 2015

༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་སློབ་བྱིན་རླབས་མྱུར་འཇུག



༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག­་གིས་ཤིང་ལུག་གནམ་ལོ་གསར་ཚེས་ལ་བསྩལ་བའི་འ­ཚམས་འདྲི་དང་འབྲེལ་གལ་ཆེའི་བཀའ་སློབ། 
གཡུང་དྲུང་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟ­ན་ནོར་བུ་རྩེ་ནས་འདོན་སྤེལ་ཞུས།

Thursday, February 19, 2015

༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ལོ་གསར་ཤིས་ཚིག་བདུད་རྩིའི་ཐིགས་པ།

༄༅། །འཛམ་གླིང་ཕྱོགས་མཐའ་ཁག་ན་བཞུགས་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་དད་ལྡན་སེར་སྐྱ་མང་ཚོགས་ལྷན་རྒྱས་རྣམས་དང་། ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཚུལ་བཞིན་གནང་བའི་དགེ་བའི་བཤེས་གཉེན་རྣམ་པ་ལྷན་རྒྱས་ལ་བོད་ཤིང་མོ་ལུག་གི་ལོ་ཡི་གནམ་ལོ་གསར་དུ་བཞད་པའི་དུས་བཟང་འདིར་ངས་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་རྣམ་པ་ལྷན་རྒྱས་ཚེ་རིང་བ། ནད་མེད། ཁ་དགེ། བཀྲ་ཤིས། མཛད་འཕྲིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་བཞིན་ཡོད་ལ། ཁྱེད་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཁུར་ཆེན་བཞེས་དང་བཞེས་བཞིན་པ་གོ་ཐོས་འབྱུང་བཞིན་འདུག་པས་ང་རང་དགའ་པོ་ཚད་མེད་བྱུང། སླད་མར་ཡང་བསྟན་པ་སྤྱི་ལ་སྨན་པའི་ཕྱག་ལས་གནང་རོགས། ད་ཆ་ང་རང་བདེ་མོ་ཡིན། ཁྱེད་རྣམས་ཐུགས་ཁྲལ་རྩ་བ་ནས་གནང་མི་དགོས། བློ་བདེ་བག་ཕེབས་གནང་རོགས། ཐུགས་རྗེ་ཆེ།